4716

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱེས
Tibetan Definition མང་པོས། ཕྱེ་ཞེས་པའི་ཚབ་ཏུ་ཕྱེས་ཞེས་བྲིས་སྣང་སྟེ། སི་ཏུ་འགྲེལ་ཆེན་ལས། བུམ་པ་ཆུས་བཀང་ལྟ་བུ་སྔོན་འཇུག་ཁོ་ནའི་བྱེད་པས་འདས་ཚིག་ཏུ་གྲུབ་པ་དང༌། ཐུགས་དམ་བསྐངས་ལྟ་བུ་སྔོན་འཇུག་ཕོ་ཡིག་དང་འབྲེལ་ཙམ་ལས་གཙོ་བོར་རྗེས་འཇུག་གི་བྱེད་པས་འདས་ཚིག་ཏུ་གྲུབ་པ་སོགས་བྱེ་བྲག་ “ཕྱེས” ནས་ཤེས་པར་བྱའོ། །ལྟ་བུ། འཇུ་མི་ཕམ་རིན་པོ་ཆེས། བྱ་ཡུལ་བྱེད་པོ་བྱ་བའི་ཚིག་རྣམས་ལ།། དབྱེ་བ་འབྱེད་བྱེད་ཕྱེ་བ་ཞེས་དང་ནི། །གདེག་བྱ་འདེག་བྱེད་བཏེག་པ་ལ་སོགས་པ། །བྱས་པ་རྣམས་ལ་ས་མཐའ་མི་ཐོབ་སྟེ། །ཞེས་ས་མི་ཐོབ་པར་གསུངས་སོ། །