4730

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་དང་ཕྱོགས་སུ
Tibetan Definition ཤར་ལ་སོགས་པའི་ཕྱོགས་ཀྱི་རྣམ་པ་མང་པོར་ཞེས་པའི་དོན། ཚོམས་ལས། ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བ། །དེ་མཐོང་འདི་ལ་ཅི་ཞིག་དགའ།། ཞེས་གསུངས་པ་ལྟ་བུ། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལས། ཕྱོགས་དང་ཕྱོགས་སུ་ཞེས་བྱ་བ་སྨོས་ཏེ། འདི་ཟློས་པ་ནི་ཕྱོགས་ཀྱི་རྣམ་པ་མང་པོ་སྣ་ཚོགས་པ་སྟེ། ཞེས་གསུངས་པ་ལྟར་རོ། །