4743

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་སྐྱོང༌
Tibetan Definition ལྷའི་བྱེ་བྲག་ཅིག དེ་ལ་ཀླུ་དང་ཡི་དྭགས་སུ་གཏོགས་པའང་ཡོད་པ་མཆིམས་མཛོད་ལས་གསུངས་ཏེ། གནོད་སྦྱིན་དང༌། ཕྱོགས་སྐྱོང་དང༌། འཇིག་རྟེན་སྐྱོང་བ་དང༌། བདུད་རྣམས་ནི་ཕལ་ཆེར་ལྷའི་སྡེར་གཏོགས་ལ། ཀླུ་དང་ཡི་དྭགས་སུ་གཏོགས་པའང་ཡོད་དོ། །ཞེས་གསུངས། གཞན་ཡང༌། སྤྱིར་ཕྱོགས་སྐྱོང་ལ། ཕུར་གདབ་བྱེད་ས་ལྟ་བུ་བགེགས་ཀྱི་ཁོངས་གཏོགས་དང༌། སྔོན་འགྲོའི་གཏོར་མ་འབུལ་ས་ལྟ་བུ་དཀར་ཕྱོགས་པ། དཀྱིལ་འཁོར་གྱི་མཐར་ཡོད་པ་ཕྱི་འགྲོའི་གཏོར་མ་འབུལ་ས་ལྟ་བུ་གཙོ་བོའི་ཡེ་ཤེས་ཀྱི་ཆ་ཡིན་པར་བཅས་མཁས་པ་འགའ་གསུང༌།