4744

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་སྔ་ཕྱི
Tibetan Definition སྔ་རྒོལ་དང་ཕྱི་རྒོལ་དང་དོན་འདྲ། སྒྲ་བཤད་ནི། རང་གི་གཞུང་ལུགས་དམ་འཆའ་བ་ལ་ཕྱོགས་སྔ་མ། གཞན་གྱི་གཞུང་ལུགས་དམ་འཆའ་བ་ལ་ཕྱོགས་ཕྱི་མ་ཟེར་བ་ཡིན་འདུག འདུལ་བ་གཞིི་རྒྱ་ཆེར་འགྲེལ་པ་ལས། ཕྱོགས་ཞེས་བྱ་བ་ནི་རང་གི་གཞུང་ལུགས་དམ་འཆའ་བའོ། །གཞན་གྱི་ཕྱོགས་ཞེས་བྱ་བ་ནི་གཞན་གྱི་གཞུང་ལུགས་དམ་འཆའ་བའོ། །ཕྱོགས་སྔ་མ་ཞེས་བྱ་བ་ནི་རང་གི་གཞུང་ལུགས་དམ་འཆའ་བ་སྔར་བྱེད་པའོ། །ཞེས་གསུངས་སོ། །ལུང་རྣམ་འབྱེད་ཀྱི་འགྲེལ་པ་༼ ཚུ ༽༧༣ན༧ལས་ཀྱང་དེ་བཞིན་དུ་གསུངས་སོ། །