4769

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲ་རྒྱས
Tibetan Definition (མཛོད) ཉོན་མོངས་ཀྱི་མིང་། སྒྲ་བཤད་ནི། རང་གི་སེམས་རྒྱུད་ལ་རྟག་ཏུ་གནས་ཀྱང་རྟོགས་པར་དཀའ་བས་ན་ཕྲ། དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པའམ་འཕེལ་བར་བྱས་པས་ན་རྒྱས་ཞེས་བྱའོ། །སྒྲ་སྦྱོར་བམ་གཉིས་༼ ཅོ་པ ༽༡༥༢བ༤ལས། ཨ་ནུ་ཤ་ཡ་ཞེས་བྱ་བ་ཆོས་མངོན་པའི་གཞུང་དང་སྦྱར་ན་འཕགས་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་ཁྱབ་པར་གནས་ཀྱང་བརྟག་དཀའ་སྟེ་ཕྲ་བ་དང་། དམིགས་པ་དང་མཚུངས་པར་ལྡན་པས་ཉོན་མོངས་པ་འཕེལ་ཞིང་རྒྱས་པར་བྱེད་པ་དང་། རྒྱ་མཚོའི་བྱ་གནམ་ལ་འཕུར་བའི་གྲིབ་མ་ལ་ཆུ་སྲིན་སྙེག་པའི་མིང་སྟེ་ཕྲ་རྒྱས་ཞེས་བྱ། ཞེས་གསུངས་སོ། །