4772
Jump to navigation
Jump to search
| ཕྲག | |
| Tibetan Definition | 1 བར། བར་མཚམས། དབུས་སམ་དཀྱིལ་བཅས་ཀྱི་དོན། ཕྲག ཧྲག སྲག བར། བར་དབྲག བར་སྲུབས། བར་གསེང་། བར་གསེབ། བར་ཧྲག དབྲག སྲུབས། གསེང་རྣམས་མིང་གི་རྣམ་གྲངས་ཡིན། དཔེར་ན། སྨིན་མ་གཉིས་ཀྱི་དབུས་སམ་བར་ལ་སྨིན་ཕྲག་དང་སྨིན་མཚམས་ཟེར་བ་ལྟ་བུ། གཞན་ཡང་། སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་གསུངས་པ་ལྟར་རོ། ། |
|---|---|