4786

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲུ་བ
Tibetan Definition 2 (འདུལ་བ) དམག་གི་མིང་། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༥༨བ༧ལས། ཕྲུ་བ་ཞེས་བྱ་བ་ནི་དམག་གོ། ཞེས་གསུངས་པ་ལྟར་རོ། །འདི་ལ་དཔྱད་པར་བྱ་འདི་ལྟར་ཡོད་དེ། འདིའི་ཐད་ཀྱི་ལྟུང་བྱེད་བཞི་བཅུ་རྩ་དྲུག་པ་དམག་གི་ནང་ན་གནས་པའི་ལྟུང་བྱེད་འཆད་པའི་སྐབས་ཀྱི་ལུང་རྣམ་འབྱེད་རྩ་བ་ལས་ནི་ཕྲུ་མ་ཞེས་འབྱུང་གི་ཕྲུ་བ་ཞེས་པའི་ཚིག་ནི་མེད་དེ། ལུང་རྣམ་འབྱེད་༼ ཇ་པ ༽༡༧༧ན༣ལས། རྒྱལ་པོས་དེ་ཉིད་དུ་ཕྲུ་མ་བཏབ་སྟེ་འདུག་པ་དང་། ཞེས་གསུངས་པ་ཙམ་མོ། །