4794

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲུག་གུ་མལ་འབྱར
Tibetan Definition སྐྱེས་ནས་ཡུན་རིང་པོར་མ་ལོན་པའི་ཕྲུག་གུ། ཕྲུག་གུ་མལ་འབྱར་དང་། ལོ་ནད་སྟན་འབྱར་ཟེར་བ་ལྟ་བུ་ཐ་སྙད་ཚད་ལྡན་ཞིག་ཡིན་པར་འདུག་སྟེ། རྗེ་མི་ལའི་རྣམ་ཐར་ལས། དེ་ནས་ཞག་འགའ་སོང་བ་དང་། བཙུན་མོ་དེ་ལོ་ནད་སྟན་འབྱར་གྱིས་ཟིན་ཏེ་སྨན་དཔྱད་རིམ་གྲོ་ཅི་བྱས་ཀྱང་མ་ཕན་པར་ཡུན་རིང་ན་སྟེ་འཆི་ལ་ཐུག་ཀྱང་འཆིར་མ་འདོད་པའི། ཞེས་སོགས་གསུངས་པ་ལྟར་རོ། །ཡང་ཕྲུག་གུ་མར་འབྱར་ཡང་འཐད་པར་སེམས། མ་ལ་འབྱར་ནས་ནུ་མ་ནུ་བ་ཙམ་ལས་གཞན་ཅི་ཡང་མི་ནུས་པས་དེ་ལྟར་བཏགས་པར་སེམས།