From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བ་ཕྱེད
|
Tibetan Definition
|
1 ཝ་རུ་འབོད་པའི་བ་ཡིག་གི་མིང་། (བ་ཕྱེད། འདི་ལ་ཝ་ཕྱེད་ཅེས་འབོད་དགོས) དཔེར་ན་ཀ་བ་ཞེས་པའི་མིང་མཐའི་” བ” ཡིག་ལྟ་བུ་སྟེ། ཀ་བ་ལ་ཀ་ཝ་ཞེས་འབོད་པ་ལྟ་བུ། དེས་ཟླ་བ། སྤྱི་བོ། དགའ་བོ་ལྟ་བུས་རིགས་འགྲེའོ། །འདིའི་ཁུངས་ནི། ངག་སྒྲོན་རྩ་བར། བདེ་འོ་ལ་སོགས་རྫོགས་ཚིག་ལ། །འོ་ཉིད་སྤྱི་བོ་ལ་སོགས་པའི། །མིང་ལ་བ་ཕྱེད་ཝ་ཉིད་དོ། །ཞེས་དང་། བ་ཕྱེད་ཝར་འབོད་རྣམས་ལ་བ། །ཞེས་གསུངས་སོ། །ཞིབ་པར་ཁུ་ནུ་བླ་མའི་ངག་སྒྲོན་འགྲེལ་པར་གཟིགས། བོད་རྒྱ་ཚིག་མཛོད་ཆེན་མོར། བ་ཕྱེད། ཝ་ཕྱེད་དེ་བོད་ཡིག་སྨད་འདོགས་བཞིའི་གྲས་ཝ་ཟུར། ཞེས་གསལ། བ་ཕྱེད། ཝ་ཕྱེད། བ་ཕྱེད་མ། བ་ཕྱེད་མའི་ཝ་རྣམས་དོན་གཅིག
|