From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བ་ལང་སྤྱོད
|
Tibetan Definition
|
(མཛོད) གླིང་བཞིའི་ཡ་གྱལ་ཏེ། རི་རབ་ཀྱི་ནུབ་ངོས་སུ་ཡོད་པའི་གླིང་ཆེན། སྒྲ་བཤད་ནི། གནའ་བོ་ཉོ་ཚོང་བྱེད་པའི་ཚེ་འབྲུ་དང་ཚ་སོགས་སྤྲོད་རེས་བྱེད་པ་ལྟར། བ་ལང་སྤྱོད་དུ་དེའི་ཚབ་ཏུ་གཙོ་བོར་བ་ལང་དག་སྤྲོད་རེས་བྱེད་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །དེ་ཡང་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༡༤༩ན༥ལས། ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བ་ནི་འདི་ནས་ནུབ་ཕྱོགས་ཡིན་པའི་ཕྱིར་དང་། དེ་ན་ཉོ་ཚོང་གི་ཐ་སྙད་ལ་བ་ལང་དང་སྤྱོད་པའི་ཕྱིར། ཞེས་གསུངས་པ་ལྟར་རོ། །ཡང་མཆིམས་མཛོད་ལས་ནི། གླིང་དེ་ན་གཙོ་བོ་རིན་པོ་ཆེ་ལ་ལོངས་སྤྱོད་པའི་ཕྱིར་བ་ལང་སྤྱོད་དོ། །ཞེས་ཀྱང་གསུང༌ངོ་། །
|