4853

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་གདམས་ཆུ་བོ་གཅིག་འདྲེས
Tibetan Definition བྱང་ཆུབ་ལམ་རིམ་གཞུང་ཆེན་མོའི་སྟེང་ནས་འཆད་པ་པོ་པོ་ཏོ་བ་ནས་ཤར་བ་ལ་བརྒྱུད་པའི་བཀའ་གདམས་གཞུང་པ་བ། དེ་ལས་ཅུང་ཟད་བསྡུས་པའི་ལམ་རིམ་བསྟན་རིམ་དང་སྦྱར་ནས་འཆད་པ་དགོན་པ་བ་ནས་སྣེའུ་ཟུར་པར་བརྒྱུད་པ་བཀའ་གདམས་ལམ་རིམ་པ་དང་། རྟེན་འབྲེལ་སྙིང་པོའི་ཁྲིད་སོགས་བླ་མའི་མན་ངག་དང་སྦྱར་ནས་འཆད་པ་སྤྱན་སྔ་བ་ནས་བྱ་ཡུལ་བ་ལ་བརྒྱུད་པའི་བཀའ་གདམས་མན་ངག་པ་དང་བརྒྱུད་པ་གསུམ་ཡོད་ལ། བཀའ་གདམས་ཀྱི་བརྒྱུད་པ་གསུམ་པོ་རྗེ་ཙོང་ཁ་པ་ནས་ལོགས་སུ་མེད་པར་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་པས་དེ་སྐད་ཅེས་བརྗོད་དོ། །