From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཀའ་བབས་ཀྱི་བུ་ཆེན་དྲུག
|
Tibetan Definition
|
རྗེ་ཙོང་ཁ་པ་ཆེན་པོའི་སློབ་མའི་གཙོ་བོ་དྲུག་སྟེ། ༡ རྒྱལ་ཚབ་རིན་པོ་ཆེ་ལ་ཕར་ཚད་སོགས་མདོ་ཕྱོགས་ཀྱི་སྐོར་དུ་མ་དང་། སྔགས་ཆོག་དུས་འཁོར་དང་། བདེ་མཆོག་གི་རྫོགས་རིམ་གཙོ་ཆེ་བའི་བཀའ་བབས། ༢ འདུལ་འཛིན་རིན་པོ་ཆེ་ལ་འདུལ་བའི་བཤད་པ་དང་ལག་ལེན། གཤིན་རྗེ་གཤེད་དམར་ནག་སོགས་ཀྱི་བཀའ་བབས། ༣ མཁས་གྲུབ་རིན་པོ་ཆེ་ལ་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་འགྲེལ་ཆེན་དང་བཅས་པའི་བཤད་བཀའ་སོགས་བཀའ་བབས། ༤ རྗེ་བཙུན་ཤེས་རབ་སེངྒེ་ལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་པ་འགྲེལ་པ་བཞི་སྦྲགས་སུ་གྲགས་པ་དང་། གཞན་ཡང་གསང་བདེའི་བསྐྱེད་རྫོགས་སོགས་བཀའ་བབས། ༥ ལ་སྟོད་བྷུ་ཌའི་ཆོས་རྗེའི་ཀུན་མཁྱེན་ཀུན་དགའ་དཔལ་བ་རྗེ་ཉིད་ཀྱིས་ཙཱ་རིར་འཁོར་ལོ་བདེ་མཆོག་ཉིད་ལས་དངོས་སུ་གསན་པའི་དྲིལ་བུ་ལུས་དཀྱིལ་གྱི་དབང་བཞི་ཡོངས་རྫོགས་ཀྱི་བཀའ་བབས། ༦ རྭ་སྒྲེང་གི་རྗེ་བཙུན་རྒྱལ་མཚན་གྲགས་བཟང་ལ་རྗེ་ས་སྐྱ་པ་དང་། བུ་སྟོན་སོགས་ནས་བརྒྱུད་པའི་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་བཞི་དང་། དྲིལ་བུ་རིམ་ལྔའི་ཁྲིད་ཀྱི་བཀའ་བབས་པ་སྟེ་དྲུག་གོ། རྗེའི་རྣམ་ཐར་ཆེན་མོ་ལྟར་བཀོད།
|