4883

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་བློ་མི་བདེ་བའི་ལྷག་མ
Tibetan Definition (འདུལ་བ) ལྷག་མ་བཅུ་གསུམ་གྱི་ཐ་མ། བཀའ་བློ་མི་བདེ་བའི་ལྷག་མའི་ངོ་ཏི་ནི། བཅས་ལྡན་དགེ་སློང་ལ་ལྟུང་བ་གླེངས་པ་ན་དགེ་སློང་མཐའ་དག་གིས་བདག་ཉིད་ཀྱི་བསླབ་པའི་གཞི་མཐའ་དག་ལ་གླེང་བ་འགོག་ཅིང་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། ཀཽ་ཤཱམྦྷི་གདངས་ཅན་གྱི་ཀུན་དགའ་ར་བར་འདུན་པས་བཀའ་བློ་མི་བདེ་བའི་ཚིག་སྨྲས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ཚུལ་ཁྲིམས་དང་སེམས་བདེ་བ་ལ་གནོད་པའོ།། བཀའ་བློ་མི་བདེ་བའི་ལྷག་མའི་སྐོར། འདུལ་བ་ལུང་རྣམ་འབྱེད་པ་པོད་གཉིས་པ་༼ ཆ་པ ༽༢༤ན༣ན་བཞུགས་སོ། །