4885

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་ཡི་འཁོར་ལོ
Tibetan Definition ཁྲོ་བོ་བཅུ། སྒྲ་བཤད་ནི། གཙོ་བོས་འཁོར་ཁྲོ་བོ་བཅུ་ལ་བགེགས་རྣམས་བཟུང་ལ་ཚར་གཅོད་ཅིག ཅེས་བཀའ་བསྒོ་བའི་གནས་ཡིན་པས་དེ་སྐད་ཅེས་བྱ། རྗེའི་གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་ལས། འདི་དག་ལ་བཀའ་འཁོར་ཞེས་པ་ནི་གཙོ་བོའི་བཀའ་བསྒོ་བ་སྒྲུབ་པའི་འཁོར་ལོ་ཡིན་པས་སྒྲུབ་པ་པོའི་ཕྱི་ནང་གི་བགེགས་གཞོམ་པའི་བཀའ་བསྒོ་བ་ཡིད་ཀྱིས་བྱའོ། །ཞེས་གསུངས་པ་ལྟར་རོ། །