From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཀར་བཏགས
|
Tibetan Definition
|
1 ཁྲིམས་བསྒྲགས་པའམ། བཀའ་ཁྲིམས་ཁྱབ་བསྒྲགས་བྱེད་པའི་དོན། དཔེར་ན་མདོ་མཛངས་བླུན་༼ མདོ་ཤ་པ ༽༡༣༠ན་༤ལས། བདག་གིས་ནི་རིན་པོ་ཆེ་དང་། ལོངས་སྤྱོད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་བཏགས་ཀྱི། དམ་པའི་ཆོས་ཀྱི་ཕན་འདོགས་པར་མ་གྱུར་ཏེ། འདི་དག་ནི་བདག་གི་སྐྱོན་དུ་འགྱུར་གྱིས། དམ་པའི་ཆོས་གང་ན་མཆིས་པ་བཙལ་ཏེ། ཐམས་ཅད་དགྲོལ་བར་བྱའོ་སྙམ་དུ་བསམས་ནས། འདི་སྐད་ཅེས་ “བཀར་བཏགས” སོ། །འཛམ་བུའི་གླིང་ན་སུ་ལ་དམ་པའི་ཆོས་ཡོད་པ་དེ། བདག་ལ་སྟོན་པར་གྱུར་ན། དེ་ཡིད་དང་མི་འགལ་བར་ཅི་དང་ཅི་འདོད་པ་སྦྱིན་ནོ་ཞེས་བསྒྲགས་ཀྱང་སྟོན་ནུས་པ་མ་བྱུང་ངོ་། །ཞེས་གསུངས་པ་ལྟ་བུའོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༩ན༧ལས། བཀའ་འདོགས་པའི་གནས་ཞེས་བྱ་བ་ནི་སྒྲོགས་པའི་གནས་སོ། །ཞེས་གསུངས་པའང་གོང་དང་དོན་འདྲ་བར་སྣང་ངོ་། །དྲིན་ལན་བསབ་པའི་མདོ་༼ ཨཿ ༽༡༤༦ན༤ལས། ལྷ་སྦྱིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོས་ཡུལ་ཕྱོགས་སུ་བཀར་བཏགས་ཏེ། སུ་ཡང་དགེ་སློང་རྣམས་ལ་གོས་དང་། བཟའ་བ་དང་། བཏུང་བ་དང་། བསོད་སྙོམས་བྱིན་དུ་མ་སྩལ་ཅིག ཅེས་པ་ལྟ་བུའོ། །
|