From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁུ་བ
|
Tibetan Definition
|
2 <ཤུ་ཀྲ> ཕོའི་ཐིག་ལེ། མིང་གི་རྣམ་གྲངས་ནི། ཁུ་བ་དང་། ཟླ་བའམ་གཟི་བརྗིད། ཐིག་ལེ། ས་བོན། ནུས་པ། དབང་པོ་རྣམས་སོ། །མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས་གསུངས། ཁུ་བ་ཞེས་པ་ནི་བདེ་བ་ཆེན་པོ་ལ་ཟེར་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཁུ་བ་སྟེ་བདེ་ཆེན་ཞེས་དང་། ཁུ་བའི་སྐད་དོད་ཤུ་ཀྲ་ཞེས་བྱ་བའི་ཤུ་ལ་ཀོ་ཀན་ཞེས་བྱ་བ་ནི་མྱ་ངན་ནོ། །ཀྲ་ཀ་ཙ་ནི་སོག་ལེ་སྟེ། མྱ་ངན་དང་སྡུག་བསྔལ་སོགས་སོག་ལེ་ལྟར་གཅོད་པས་ན་ཤུ་ལ་ཀོ་ཀན་ཞེས་བྱ་སྟེ། ཞེས་གསུངས། ཁུ་བའི་མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ཁུ་བ་ཟླ་བ་ཐིག་ལེ་དང་། །ས་བོན་སྟོབས་ལྡན་དབང་པོར་འགྲོ། །ཀུནྟ་བྱང་སེམས་དཀར་པོ་དང་། །དྭངས་མ་དང་ནི་ཁམས་དཀར་པོ། །ཞེས་གསུངས།
|