4900

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀུས་ཏེ་བོར་བ
Tibetan Definition (འདུལ་བ) སྨན་སོགས་ཀྱི་ཁུ་བ་བསྐོལ་ཅིང་བཙིར་ནས་སྙིགས་རོ་དོར་བ། དཔེར་ན་སྨན་བཀུས་ཏེ་བོར་ཞེས་པ་ལྟ་བུ། སྒྲ་བཤད་ནི། བཀུས་ནི་བསྐོལ་བའི་དོན་ཡིན་ལ། བོར་བ་ནི་ཕྱི་རོལ་དུ་དོར་བའོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། བཀུས་ཏེ་བོར་བ་ཞེས་བྱ་བ་ལ་བཀུས་པ་ནི་བསྐོལ་བ་ཡིན་ལ། ཁུ་བ་བཀུས་ཤིང་བཙིར་ནས་ཕྱི་རོལ་དུ་བོར་བ་གང་ཡིན་པ་དེ་ནི་བཀུས་ཏེ་བོར་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །