From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཀོད་པ
|
Tibetan Definition
|
(འདས་པ) 1 འགོད་པའི་འདས་པ། བཞག་པའི་དོན། ཐར་པ་ལ་བཀོད་ལྟ་བུ། 2 བཀོད་པ་ཞེས་པའི་ཚིག་གི་ཐད་ཀའི་དོན་ནི། རྒྱན་སོགས་བཀྲམ་ཞིང་བཀོད་པ་ཞེས་པའི་དོན་ཡིན། སྤྱིར་བཏང་ནི་དབྱིབས་དང་རྣམ་འགྱུར། སྒྲིག་སྟངས་བཅས་ཀྱི་དོན་ལ་གོ འཇིག་རྟེན་གྱི་བཀོད་པ་དང་བཀོད་པ་མཛེས་ཞེས་པ་ལྟ་བུ། 3 བརྗོད་པ། དྲངས་པ། རྟགས་སུ་བཀོད་ཅེས་པ་ལྟ་བུ་དང་། ལུང་བཀོད་ལྟ་བུ། 4 བྲིས་པ། ཡི་གེར་བཀོད་ལྟ་བུ། 5 ཐབས། འཆར་གཞི། དཔེར་ན་ཐབས་བྱུས་ལ་བཀོད་བྱུས་ཟེར་བ་ལྟ་བུ། 7 བཀའ་བཀྱོན། ཚོགས་གཏམ། འཁྱོག་པོ་ཡོ་བསྲང་གི་བསླབ་བྱའི་དོན། བཀོད་པ་བཤད་ཅེས་པ་ལྟ་བུ། 8 གསལ་བཏབ་པ། བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་པ་ལྟ་བུ། བཀོད་པ་བྱང་ཆུབ་ཀྱི་སེམས་ལ་གཟིགས། རྗེ་ཤེས་རབ་རྒྱ་མཚོའི་གསང་འདུས་རྫོགས་རིམ་ལས་བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་པའི་བཀོད་པ་དམིགས་ཡུལ་ལ་བཤད་དོ། །6 ཕལ་ཆེ་བ། སྤྲས་པ། སྣ་ཚོགས་པ། རྗེའི་ལམ་རིམ་ཆེན་མོ་ལས། བཀོད་པ་ནི་གོང་མ་ཀུན་གྱི་མཐར་སྦྱོར་བ་སྟེ་ཕལ་ཆེ་བ་དང་སྤྲས་པ་དང་སྣ་ཚོགས་པ་ལ་བྱའོ། །ཞེས་གསུངས་པ་ལྟར་རོ། །ཕལ་ཆེ་བ་ནི། ཕལ་མོ་ཆེ་སྟེ་མང་པོ་དང་རྒྱ་ཆེ་བའི་དོན་ནོ། །9 སྤྲས་པ་ནི། རྒྱན་གྱིས་སྤྲས་པ་སྟེ་མཛེས་པར་བྱེད་པའི་དོན་ནོ། །q སྣ་ཚོགས་པ་ནི། རིགས་མི་འདྲ་བ་མང་པོའི་དོན་ནོ། །
|