4902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀོད་པ་བྱང་ཆུབ་ཀྱི་སེམས
Tibetan Definition ཐིག་ལེ་དཀར་དམར། ཁུ་ཁྲག སྒྲ་བཤད་ནི། བཀོད་པ་ནི་གསལ་བཏབ་པའི་དོན་དང་བྱང་ཆུབ་ཀྱི་སེམས་ནི་འདིར་ཐིག་ལེ་དཀར་དམར་གྱི་མིང་ངོ་། །ཐིག་ལེ་དཀར་དམར་ལ་བཀོད་པ་ཞེས་པའི་རྒྱུ་མཚན་ནི་རྫོགས་རིམ་གྱི་སྐབས་དེ་གཉིས་ལུས་ཀྱི་སྙིང་ག་དང་ལྟེ་བ་སོགས་སུ་བཀོད་པའམ་གསལ་བཏབ་ནས་དེ་ལ་གནད་དུ་བསྣུན་པའི་རྒྱུ་མཚན་གྱིས་ཡིན་ཏེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། སྙིང་གར་པདྨ་འདབ་མ་བཞི་པའི་ལྟེ་བར་ཐིག་ལེ་དཀར་དམར་བཀོད་པ་ལ་དམིགས་ནས་གཉིད་ཀྱི་སྟོང་པ་འཛིན་པར་བཤད་པ་ཡང་། ཞེས་གསུངས་སོ། །དེ་གཉིས་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་པའི་རྒྱུ་མཚན་ནི། ལྟེ་བའི་གཏུམ་མོ་འབར་བ་དང་སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འོད་གསལ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་གྲོགས་བྱེད་པས། བྱང་ཆུབ་ཀྱི་སེམས་ཞེས་འབྲས་མིང་རྒྱུ་ལ་བཏགས་པའོ། །