4907

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀོལ་བ
Tibetan Definition 3 (འདུལ་བ) རབ་ཏུ་བྱུང་བའི་བར་ཆད་དང་ལྡན་པ་རྣམས་ལ་རབ་ཏུ་འབྱུང་བའི་གོ་སྐབས་མ་བྱིན་པར་བཀག་པ་ལ། བཀོལ་བ་ཟེར། མདོར་བསྡུས་ཏེ་བཤད་ན། གནང་བ་མ་སྤྲད་པར་ཕྱིར་ཕུད་པ་ལ་ཟེར། སྤྱིར་བཏང་བཀོལ་ཞེས་པ་ལོགས་སུ་བཏོན་པའམ་ཕུད་པའི་དོན་ཡིན། འགྲེལ་ཆུང་ལས། བཀོལ་བ་ཞེས་པ་ནི་བར་ཆད་མེད་དམ་ཞེས་དྲིས་ཏེ་བར་ཆད་ཡོད་ན་མི་རུང་ཞེས་བྱ་བའི་ཚིག་གོ །ཞེས་གསུངས་པ་ལྟར་རོ། །