From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཀྲ་ཤིས་དོ་ཁར་མ
|
Tibetan Definition
|
མི་དབང་གྲགས་པ་རྒྱལ་མཚན་གྱིས་གསོལ་བ་བཏབ་ནས། བཀྲ་ཤིས་དོ་ཁར་དུ་གདན་དྲངས་ནས་ཕེབས་སྐབས། སྤྲུལ་པའི་ལྷ་བཟོ་བ་ཞིག་གིས་ཉི་མ་གཅིག་ལ་རྗེའི་སྐུ་བརྙན་བདུན་རྫུ་འཕྲུལ་གྱིས་བཞེངས་པ་ན། རྗེ་བདག་ཉིད་ཆེན་པོས་ཀྱང་རྫུ་འཕྲུལ་གྱིས་ཉིན་གཅིག་པོ་དེ་རང་ལ་དབུ་སྐུ་ལན་བདུན་བསིལ་བའི་དབུ་ལོ་བུབས་རེ་རེ་ནང་ཞུགས་འབུལ་བར་མཛད་པས་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་གྲགས་པའི་སྐུ་བརྙན་བྱིན་རླབས་ཅན་ཞིག འདིའི་ལོ་རྒྱུས་རྗེའི་རྣམ་ཐར་ཆེན་མོ་ལས་ཤེས་པར་བྱའོ། །
|