4939
Jump to navigation
Jump to search
བག་མེད་པ | |
Tibetan Definition | 1 ཉེ་ཉོན་ཉི་ཤུའི་བཅུ་བདུན་པ་ནི། དུག་གསུམ་གང་རུང་ལེ་ལོ་དང་བཅས་པ་ལ་གནས་ནས་དགེ་བ་མི་བསྒོམ་ཞིང༌། ཟག་བཅས་ཀྱི་ཆོས་ལ་སེམས་མི་བསྲུང་བར་བག་ཡངས་སུ་གཏོང་བས་རབ་ཏུ་ཕྱེ་བའི་རིག་པའོ། །བྱེད་ལས་ནི། དེ་ཡོད་ན་མི་དགེ་བ་ངང་གིས་འཕེལ་བའི་ལས་ཅན་ནོ། །མདོར་ན། དགེ་བའི་ཆོས་མི་བསྒོམ་ཞིང་གཅེས་སྤྲས་སུ་མི་བྱེད་པ་ལ་བག་མེད་པ་ཟེར། དགེ་བའི་ཆོས་རྣམས་མི་བསྒོམ་པ་སྟེ་མི་སྒྲུབ་པའོ། །ཞེས་ཐུབ་པའི་དགོངས་རྒྱན་ལས་གསུངས་པ་ལྟར་རོ། ། |
---|