4942
Jump to navigation
Jump to search
བག་མེད་པའི་གནས | |
Tibetan Definition | (འདུལ་བ) ཆང་གི་མིང༌། སྒྲ་བཤད་ནི། བག་མེད་པའི་གནས་ཏེ་རྒྱུ་ཡིན་པས་དེ་སྐད་ཅེས་བརྗོད། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། བག་མེད་པའི་གནས་ཞེས་བྱ་བ་ནི་འབྲུའི་ཆང་དང༌། བཅོས་པའི་ཆང་གི་མཚན་ཉིད་དེ། བག་མེད་པ་ཞེས་བྱ་བ་ནི་དོན་ནི་ཉམས་ལ། དོན་མ་ཡིན་པ་ནི་འཕེལ་བའོ། །དེའི་གནས་ཞེས་བྱ་བ་ནི་དེའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་ལྟར་རོ། །ལུང་རྣམ་འབྱེད་ཀྱི་འགྲེལ་པར་ཡང་དེ་བཞིན་དུ་གསལ། |
---|