4946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བག་ཡོད
Tibetan Definition ཆོས་མ་ཡིན་པ་ལས་སེམས་བསྲུང་ཞིང་དགེ་བའི་ཆོས་ལ་གཅེས་སྤྲས་སུ་བྱེད་པའི་སེམས་བྱུང་ཞིག རྒྱས་པར་བཤད་ན། དགེ་བ་བཅུ་གཅིག་གི་དགུ་པ་ནི། དུག་གསུམ་མེད་པ་བརྩོན་འགྲུས་དང་བཅས་པ་ལ་བཏགས་པའི་བཏགས་ཆོས་གང་ཞིག དགེ་བའི་ཆོས་བསྒོམ་ཞིང་ཟག་བཅས་ལས་སེམས་བསྲུང་བས་རབ་ཏུ་ཕྱེ་བའི་རིག་པའོ། །བཤེས་པའི་སྤྲིང་ཡིག་གི་རྒྱ་ཆེར་བཤད་པ་ཚིག་གསལ་བ་༨༠བ༥ལས། དེ་ལ་བག་ཡོད་པ་ནི་དགེ་བའི་ཆོས་བསྒོམ་པའོ། །བཟློག་པ་ནི་བག་མེད་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས།