4948
Jump to navigation
Jump to search
བག་རྫོངས | |
Tibetan Definition | བག་རྫངས་དང་དོན་འདྲ། བོད་རྒྱ་ཚིག་མཛོད་ཆེན་མོར་བག་རྫོངས་ཞེས་བྲིས་ཀྱང་། བག་རྫངས་དང་། བག་རྫོངས་གཉིས་གང་ལེགས་པའང་དཔྱད་པར་བྱའི་གནས་ཏེ། དཔེར་ན་བྱིན་རླབས་ལྟ་བུ་བརླབས་ཀྱི་སྔོན་འཇུག་དོར་ནས་མིང་ཚིག་བཟོས་པ་ལྟར། འདིར་ཡང་བརྫངས་ཀྱི་སྔོན་འཇུག་ཕྱིས་ནས། བག་རྫངས་ཞེས་མིང་ཚིག་བསྒྲུབས་པར་བྱས་སོ། །མ་ཟད་འདུལ་བ་ལུང་རྣམ་འབྱེད་རྩ་འགྲེལ་གཉིས་ཀར་བག་རྫངས་ཞེས་འབྱུང་ངོ་། ། |
---|