From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བགྲོད་པ
|
Tibetan Definition
|
(བྱ་ཚིག) 1 འགྲོ་བ། རྗེའི་ལམ་རིམ་ཆེན་མོ་ལས། ཕ་རོལ་ཏུ་ཕྱིན་པའི་ལམ་ནི། རྒྱལ་བའི་ཡུམ་ལས། རྒྱལ་བ་འདས་དང་མ་བྱོན་ད་ལྟར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་སུ་བགྲོད་པའི་ལམ་གྱི་གཞུང་ཤིང་ལྟ་བུ་ཡིན་པས་དོར་དུ་མི་རུང་ངོ་། །ཞེས་གསུངས་སོ། ། 2 (མིང་ཚིག) འགྲོ་སའི་ལམ། བགྲོད་པ་ནི་བགྲོད་བྱ་ཞེས་པ་སྟེ་ལམ་གྱི་མིང་ངོ་། །དཔེར་ན་བགྲོད་པ་གཅིག་པ་ཞེས་པ་ལྟ་བུ། 3 འཁྲིག་པ་སྤྱོད་པ། རྒྱོ་རྒྱག་པ། ཆགས་སྤྱོད་བྱེད་པ། དེ་ལ་བགྲོད་པ་ཟེར་བའི་རྒྱུ་མཚན་ནི། བགྲོད་པ་ནི་སྤྱིར་འགྲོ་བའི་དོན་ཡིན་པས། ཆུང་མའམ་བུད་མེད་ཀྱི་གནས་སུ་འགྲོ་བས་ན་མིང་དེ་སྐད་ཅེས་ཐོགས་པ་ཡིན་ཏེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། བླ་མའི་ཆུང་མའི་གནས་སུ་འགྲོ་བ་དང༌། ཞེས་གསུངས་པ་ལྟར་རོ། ། 4 འགྲོ་ཚད། འགྲོ་བའི་ཚེ་མགྱོགས་བུལ་གྱི་ཚད། རྗེའི་ལམ་རིམ་ཆེན་མོ་ལས། དེའི་སྟེང་དུ་གསང་སྔགས་ཀྱི་ལམ་ཐུན་མོང་མིན་པ་དབང་དང་དམ་ཚིག་དང་སྡོམ་པ་དང་རིམ་པ་གཉིས་འཁོར་དང་བཅས་པ་བསྣན་པས་སངས་རྒྱས་སུ་བགྲོད་པ་མྱུར་བ་ཡིན་གྱི། ལམ་ཐུན་མོང་བ་དོར་ན་ནི་ནོར་བ་ཆེན་པོའོ། །ཞེས་གསུངས་པ་ལྟར་རོ། ། 5 ལོ་གཅིག་ལ་ཉིན་མ་ལྷོ་བགྲོད་བྱང་བགྲོད་གཉིས་ཡོད་པས་གྲངས་གཉིས་མཚོན་པར་བཤད།
|