4968
Jump to navigation
Jump to search
བཅད་ཤེས | |
Tibetan Definition | བློ་རིག་བདུན་གྱི་ཡ་གྱལ་ཏེ། རྟོགས་ཟིན་རྟོགས་པའི་རིག་པ། བཅད་ཤེས་ཀྱི་དོན་ཡིན། མཚན་གཞི་ནི། བུམ་འཛིན་མངོན་སུམ་སྐད་ཅིག་གཉིས་པ་དང་། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་གཉིས་པ་ལྟ་བུ། སྒྲ་བཤད་ནི། ཚད་སྔ་མས་སྒྲོ་འདོགས་བཅད་ཟིན་གྱི་དོན་ལ་སླར་ཡང་འཇུག་པའི་ཤེས་པ་ཡིན་པས་དེ་སྐད་ཅེས་བྱ། འདི་ལ་བཅད་ཤེས་དང་། དཔྱད་ཤེས་ཞེས་འབྲི་ཚུལ་གཉིས་ལས་སྔ་མ་ལེགས་པར་སེམས་སོ། ། |
---|