4974

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅའ་བ་ལྔ
Tibetan Definition (འདུལ་བ) འདུལ་བ་ལས་བཟའ་བ་དང་བཅའ་བ་ཞེས་འབྱུང་བའི་བཅའ་བ་ནི། རྩ་བ། སྡོང་བུ། ལོ་མ། མེ་ཏོག འབྲས་བུའི་བཅའ་བ་དང་ལྔའོ། །རྩ་བའི་བཅའ་བ་ནི། ལ་ཕུག་དང་ཉུང་མ་ལྟ་བུ། སྡོང་བུའི་བཅའ་བ་ནི། བུར་ཤིང་ལྟ་བུ། ལོ་མའི་བཅའ་བ་ནི། ལ་ཕུག་གི་ལོ་མ་ལྟ་བུ། མེ་ཏོག་གི་བཅའ་བ་ནི། ཨུཏྤལ་ལྟ་བུ། འབྲས་བུའི་བཅའ་བ་ནི། རྒུན་འབྲུམ་དང་ཁམ་སྟར་སོགས་ཤིང་འབྲས་རིགས་ཡོངས་རྫོགས་ལྟ་བུའོ། །སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་ཊཱིཀ་ལ་གཞི་བྱས་ཏེ་བཀོད། ཟས་ཕལ་པ་ལ་བཅའ་བ་ཟེར་ (བཅའ་བ་ལ་ཟས་ཀྱི་གཙོ་བོ་མ་ཡིན་པ་ཞིག་དགོས) བ་དང་། ཡང་ན་རྗེན་པར་བཟའ་རྒྱུའི་རིགས་ལ་བཅའ་བ་ཟེར། བཟའ་བཅའ་ཞེས་པར་གཟིགས།