From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཅས་པ
|
Tibetan Definition
|
(བྱེད་འབྲེལ་ལས་ཚིག་འདས་པ) 1 གཏན་ལ་ཕབ་པ་དང་གསར་ཏུ་བཟོས་པའི་དོན། ཁྲིམས་བཅས་པ། གནས་མལ་བཅས་པ། བྱ་ཡིས་ཚང་བཅས་པ་ལྟ་བུ། འཆའ་བ་ནི། (ད་ལྟ་བ) སྒྲིག་ལམ་འཆའ་མཁན་ཞེས་པ་ལྟ་བུ། བཅས་པ་ནི། (འདས་པ) ཆོས་ཁྲིམས་བཅས་ལྟ་བུ། བཅའ་བ་ནི། (མ་འོངས་པ) སྒྲིག་ལམ་བཅའ་ཞེས་པ་ལྟ་བུ། འཆོས་ནི། (སྐུལ་ཚིག) སྒྲིག་ལམ་འཆོས་ཤིག་ལྟ་བུ། (དག་ཡིག་གསར་བསྒྲིགས་སུ་ “ཆོས” སྐུལ་ཚིག་ཏུ་བཞག་ཡོད) 2 (བྱེད་མེད་ལས་ཚིག་འདས་པ) ལྡན་པ། ཡོད་པ། དཔེར་ན་ཡུམ་བཅས་སམ་ཡུམ་དང་བཅས་པ་ཞེས་པ་ལྟ་བུ། 3 ཕན་ཚུན་སྡུད་པའམ་ཆ་ཚང་བའི་དོན། དཔེར་ན་གཞན་གནོད་གཞི་དང་བཅས་པ་ཞེས་པ་ལྟ་བུ། 4 ལྷན་ཅིག་པ། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་ཞེས་པ་ལྟ་བུ། ལེགས་བཤད་གསེར་ཕྲེང་ལས། ཚོགས་དང་བཅས་པ་སྟེ་དེ་རྣམས་དང་ལྷན་ཅིག་པའི། ཞེས་གསུངས་སོ། ། 5 (འདུལ་བ) འདུལ་ཁྲིམས། ཁྲིམས། དཔེར་ན་བཅས་པ་དང་འགལ་ཞེས་པ་དང་། སངས་རྒྱས་ཀྱི་བཅས་པ་ཞེས་པ་ལྟ་བུ།
|