4999

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅོས་པའི་ཆང
Tibetan Definition (འདུལ་བ) བཅའ་བའི་རིགས་ལས་བཟོས་པའི་ཆང་ལ་ཟེར། དཔེར་ན་རྩ་བ། སྡོང་བུ། ལོ་མ། མེ་ཏོག འབྲས་བུའི་བཏུང་བ་ལས་བཅོས་པའི་ཆང་ལྟ་བུའོ། །རྩ་བའི་བཅའ་བ་ནི། ལ་ཕུག་དང་ཉུང་མ་ལྟ་བུ། སྡོང་བུའི་བཅའ་བ་ནི། བུར་ཤིང་ལྟ་བུ། ལོ་མའི་བཅའ་བ་ནི། ལ་ཕུག་གི་ལོ་མ་ལྟ་བུ། མེ་ཏོག་གི་བཅའ་བ་ནི། ཨུཏྤལ་ལྟ་བུ། འབྲས་བུའི་བཅའ་བ་ནི། རྒུན་འབྲུམ་དང་ཁམ་སྟར་སོགས་ཤིང་འབྲས་རིགས་ཡོངས་རྫོགས་ལྟ་བུའོ། །ལུང་རྣམ་འབྱེད་༼ ཉ ༽༣༤ན༡ ལས། བཅོས་པའི་ཆང་ཞེས་བྱ་བ་ནི་རྩ་བའི་བཏུང་བ་དང་། སྡོང་བུའི་བཏུང་བ་དང་། འདབ་མའི་བཏུང་བ་དང་། མེ་ཏོག་གི་བཏུང་བ་དང་། འབྲས་བུའི་བཏུང་བའོ། །ཞེས་གསུངས་པ་ལྟར་རོ། །བཅོས་པའི་ཆང་དང་། འབྲུའི་ཆང་གི་ཁྱད་པར་ནི། བཅོས་པའི་ཆང་ནི་བཅའ་བའི་རིགས་ལས་བཟོས་པ་དང་། འབྲུའི་ཆང་ནི་བཟའ་བའི་རིགས་ལས་བཟོས་པའི་ཁྱད་པར་རོ། །