From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཏགས་ཡོད
|
Tibetan Definition
|
སྒྲ་དང་རྟོག་པས་བཏགས་པའི་སྒོ་ནས་ཆོས་སུ་གྲུབ་པ། འདི་ནི་གོ་བ་གཙོ་བོར་བྱས་ནས་བཞག་པ་ཡིན་པས་ཁྱབ་མཐའ་བཅད་ནས་ངོ་ཏི་བཞག་པར་དཀའོ། །བཏགས་ཡོད་རིགས་མི་འདྲ་བ་བཞི་ཡོད་དེ། ༡ གདགས་གཞི་གཞན་ལ་བཏགས་པའི་བཏགས་ཡོད། གང་ཟག་ལྟ་བུ། ༢ སྒྲོ་བཏགས་པའི་བཏགས་ཡོད། རི་བོང་གི་རྭ་དང༌། བདག་གཉིས་ལྟ་བུ། ༣ རྟོག་པས་བཏགས་ཙམ་གྱི་བཏགས་ཡོད། ཐལ་འགྱུར་བས་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་གྱི་བཏགས་ཡོད་དུ་བཞེད་པ་ལྟ་བུ། ༤ རང་ཉིད་བློ་ཡུལ་དུ་བཟུང་བ་ཆོས་གཞན་བཟུང་བ་ལ་ལྟོས་པའི་བཏགས་ཡོད། སེམས་ཙམ་པའི་ལུགས་གཞིར་བཞག་ན་ཀུན་གཞིའི་བག་ཆགས་ལྟ་བུའོ། །བཏགས་ཡོད་ཕྱི་མ་གྲགས་ཆེ།
|