5021

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་ཉིད་ཆེན་པོ
Tibetan Definition <མ་ཧཱཏྨ> 1 བདག་ཉིད་ཆེན་པོ་ནི་ལེགས་སྦྱར་གྱི་མ་ཧཱཏྨ་ཞེས་པ་སྟེ། སེམས་པ་ཆེན་པོ། བློ་སྟོབས་ཆེ་བ། ཞུམ་པ་མེད་པ། བརྟན་པ། བག་མི་ཚ་བ། བློ་ཁོག་ཡངས་པ། སེམས་ཡངས་པ། བསམ་པ་ཡངས་པ་བཅས་ཀྱི་དོན། བློ་གྲོས་ཆེ་བའི་དོན་ཡང་ཡིན་ཏེ། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། (བློ་ཁོག་ཡངས་པའི་མིང) བདག་ཉིད་ཆེ་དང་བློ་ཆེ་བ། །སེམས་ཡངས་པ་དང་བསམ་པ་ཡངས།། ཞེས་གསུངས་པ་ལྟར་རོ། །རྗེ་བདག་ཉིད་ཆེན་པོ་ཞེས་པ་ལྟ་བུ། བདག་ཉིད་ཆེན་པོ་ཞེས་པའི་བདག་ཉིད་ནི་བདག་དང་ང་དང་གང་ཟག་དང་རྣམ་ཤེས་ཞེས་པའི་གང་ཟག་གི་མཚན་གཞིར་གཟུང་རྒྱུའི་བདག་དེའོ། །མ་ཧཱཏྨ་ནི་བདག་ཉིད་ཆེན་པོའི་སྐད་དོད་དུ། བྱེ་བྲག་རྟོགས་བྱེད་ཆེན་པོ་༢ན༢ལས་གསུངས་སོ། །2 སྐྱེས་བུ་དམ་པ། སྤང་རྟོགས་ཕུན་སུམ་ཚོགས་པའི་གང་ཟག 3 མ་ཧཱཏྨ་ནི་བདག་ཉིད་ཆེན་པོ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་དང་ལྡན་པའི་གང་ཟག་སྟེ། སངས་རྒྱས་སྤྱིའི་མཚན་དུའང་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་སོགས་ལས་བཤད་ལ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་ཀྱང་། བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ། །ཞེས་གསུངས་པའི་ཕྱིར་རོ། །