5028

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་མདུན་གྱི་མཆོད་པ་བཤམ་ཚུལ
Tibetan Definition རང་གི་མདུན་དུ་སྟེགས་ཀྱི་ཁར་ཆུ་གཉིས་ཉེར་སྤྱོད་རང་གི་གཡས་ངོས་ནས་འགོ་བརྩམས་ཏེ་བཤམས། དེའི་ཕར་རྒྱབ་ཏུ་སྟེགས་ཀྱི་ཁར་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་འབུལ་ཡུལ་གྱི་གཡས་དང་རང་གི་གཡོན་ནས་འགོ་བརྩམས་ཏེ་ལེགས་པར་བཤམས། ཕ་རྒྱུད་ལ་བདག་བསྐྱེད་ཀྱི་མཆོད་པ་རང་གི་གཡས་དང༌། མདུན་བསྐྱེད་ཀྱི་མཆོད་པ་འབུལ་ཡུལ་གྱི་གཡས་ནས་འགོ་རྩོམ་པ་ནི། གཡས་ཀྱིས་ཐབས་མཚོན་པས་སྒྱུ་ལུས་རྩལ་དུ་འདོན་པ་དང༌། མ་རྒྱུད་ལ་དེ་ལས་བཟློག་པ་གཡོན་པས་ཤེས་རབ་མཚོན་པས་འོད་གསལ་སྨིན་བྱེད་ཀྱི་རྟེན་འབྲེལ་བསྒྲིག་པ་ཡིན། མདུན་བསྐྱེད་ལ་མཆོད་པ་ཚར་མང་པོ་ཡོན་ན་ཕ་རྒྱུད་ལ་ལྷའི་ཕྱོགས་ལ་མཆོད་ཡོན་དང༌། རང་ཕྱོགས་སུ་ཞལ་ཟས་ལྷ་གྲངས་ཐད་བསྒྲིགས་དང༌། མ་རྒྱུད་ལ་དེ་ལས་བཟློག་པ་གསུང་བཤད་ཀྱི་རྒྱུན་ལ་ཡོད་དོ། །ཞེས་བླ་མ་རྣམས་གསུང་ངོ༌། །