5042
Jump to navigation
Jump to search
བདག་རྐྱེན | |
Tibetan Definition | (རྣམ་འགྲེལ) རང་ཉིད་ཡུལ་གཅིག་ཁོ་ན་འཛིན་པར་ངེས་ཀྱི་ཡུལ་གཞན་གཏན་ནས་མི་འཛིན་པར་བྱེད་པའི་རྐྱེན་ལ། བདག་རྐྱེན་ཟེར། (བདག་རྐྱེན་ཞེས་པ་དབང་པོའམ་དབང་པོ་གཟུགས་ཅན་པ་ལ་གོ་དགོས) རང་འབྲས་དབང་ཤེས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་ལ་ལྷག་པར་དབང་བྱེད་པའི་དབང་པོ་དེ། དབང་ཤེས་ཀྱི་བདག་རྐྱེན་གྱི་མཚན་ཉིད་དུ། སྡེ་བདུན་ཡིད་ཀྱི་མུན་སེལ་དུ་གསུངས་སོ། །ཞིབ་པར་རྐྱེན་གསུམ་ཞེས་པའི་ཐད་དུ་གཟིགས། |
---|