5046

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་བཞི
Tibetan Definition ཕུང་པོའི་བདུད། འཆི་བདག་གི་བདུད། ཉོན་མོངས་པའི་བདུད། ལྷའི་བུའི་བདུད་དང་བཞིའོ། །ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་འདི་གྲུབ་ན་རང་དབང་མེད་པར་ན་བ་དང་རྒ་བ་ལ་སོགས་པའི་རྐྱེན་གྱིས་དགེ་བའི་བར་ཆད་བྱེད་པས་ན་ཕུང་པོའི་བདུད་དོ། །ཆགས་སོགས་ཉོན་མོངས་པ་ཤས་ཆེ་བའི་དབང་གིས་དགེ་བའི་བར་ཆད་བྱེད་པ་ནི་ཉོན་མོངས་པའི་བདུད། འདོད་པའི་ཁམས་པའི་ལྷའི་བུ་རྣམས་ཕྲག་དོག་གི་དབང་གིས་དགེ་བའི་བར་ཆད་བྱེད་པ་ནི་ལྷའི་བུའི་བདུད་དོ། །ཚེའི་འདུ་བྱེད་ཞིག་སྟེ་སྲོག་དང་བྲལ་ནས་དགེ་བ་བྱེད་པའི་རྒྱུན་ཆད་པ་ནི་འཆི་བདག་གི་བདུད་དོ། །སྡེ་དགེ་བསྟན་འགྱུར་༼ ཇོ་པ ༽༢༧༦བ༡ན་གསལ་ལོ། །