5049

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་ཚར་གཅོད་པའི་སྔགས
Tibetan Definition བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པའི་བདུད་ཚར་གཅོད་པའི་སྔགས་ནི། ཏདྱ་ཐཱ། ཤ་མེ་ཤ་མ་ཝ་ཏི། ཤ་མི་ཏ་ཤ་ཏྲུ། ཨཾ་ཀུ་རེ་མཾ་ཀུ་རེ། མཱ་ར་ཛི་ཏེ། ཀ་རོ་ཊེ། ཀེ་ཡཱ་རེ། ཏེ་ཛོ་ཝ་ཏི། ཨོ་ལོ་ཡི་ན། བི་ཤུདྡྷ་ནིརྨ་ལེ་མ་ལཱ་པ་ན་ཡེ། ཁུ་ཁུ་རེ། ཁ་ཁ་གྲ་སེ། གྲ་ས་ནེ། ཨོ་མུ་ཁི། པ་རཾ་མུ་ཁི། ཨ་མུ་ཁི། ཤ་མི་ཏཱ་ནི། སརྦ་གྲ་ཧ་བནྡྷ་ནཱ་ནེ། ནི་གྲ་ཧི་ཏྭ། སརྦ་པཱ་ར་པྲ་ཝཱ་དི་ན། བི་མུཀྟ་མཱ་ར་པཱ་ཤ། སྠཱ་པི་ཏྭ། བུདྡྷ་མུ་དྲ། ཨ་ནུངྒ་ཏི་ཏཱ། སརྦ་མཱ་རེ། པུ་ཙ་རི་ཏ་པ་རི་ཤུདེྡྷ། བི་གཙྪནྟུ། སརྦ་མཱ་ར་ཀརྨ་ཎི། བདུད་ཚར་བཅད་པའི་སྔགས་འདི་ཁ་འདོན་དུ་བཏོན་ན་དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མི་འོང་ལ། འོངས་ཀྱང་བར་ཆད་བྱ་བར་མི་ནུས་པར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པར་རྗེའི་ལམ་རིམ་ཆེན་མོར་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པའི་སྔགས་འདི་དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པར་ཡང་ལུང་འདྲེན་མཛད་འདུག