505

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁུར་དུ་མི་འགྲོ་བར་རྒྱན་དུ་འཛིན་པ
Tibetan Definition ཁྲལ་གྱི་འདུ་ཤེས་ལྟ་བུས་བྱེད་སྙིང་མི་འདོད་པའི་འཚེར་སྣང་མེད་པར་དགའ་བཞིན་སྤྲོ་བཞིན་དུ་འཇུག་དགོས་པའི་དཔེ་ཞིག དཔེར་ན་རྒྱན་དང་ཆས་གོས་སོགས་ཇི་ཙམ་ལྕི་ཡང་རྒྱན་གྱི་འདུ་ཤེས་ལས་ཁུར་གྱི་འདུ་ཤེས་མེད་པས། ངལ་དུབ་ཀྱི་སྡུག་བསྔལ་བཟོད་ནུས་པ་ཙམ་དུ་མ་ཟད་ཀྱི་སྤྲོ་སྣང་གིས་དང་དུ་ལེན་པའི་དཔེ་ཞིག་གོ། ཐ་སྙད་འདི་རྗེའི་ལམ་རིམ་ཆེན་མོར་སྣང་།