5058

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་རྩིའི་གནས
Tibetan Definition བག་ཡོད་ཀྱི་མིང་། སྒྲ་བཤད་ནི། བདུད་རྩི་ནི་མྱ་ངན་ལས་འདས་པ་ཡིན་ལ། གནས་ནི་རྟེན་ཏེ་རྒྱུ་ཡིན་པས་ན་དེ་སྐད་ཅེས་བརྗོད་དོ། །ཀླུ་སྒྲུབ་བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །ཞེས་གསུངས་སོ། །བཤེས་སྤྲིང་འགྲེལ་པ་༼ ངེ ༽༨༠བ༣ལས། བག་ཡོད་པ་ནི་མྱ་ངན་ལས་འདས་པ་བདུད་རྩིའི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །