5086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད
Tibetan Definition (འདུལ་བ) ཆོས་གོས་སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ་དང་། ཞེང་དུ་མཐོ་དྲུག་དང་ལྡན་པ་ལ་ཟེར། དེ་ནི་ཆོས་གོས་སྲིད་དུ་ཁྲུ་བཅོ་ལྔ་དང་། ཞེང་དུ་ཁྲུ་དགུའི་ཚད་ཡིན་ནོ། །དེ་ཡང་བདེ་བར་གཤེགས་པའི་མཐོ་གང་ལ། ཁྲུ་ཕྱེད་དང་དོ་ཡོད་པར་བཤད་པ་དེས་ཤེས་ནུས་སོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༩༡བ༤ལས། བདེ་བར་གཤེགས་པའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ཡོད་དོ། །ཞེས་གསུངས་སོ། །ལུང་རྣམ་འབྱེད་༼ ཉ་པ ༽༢༡༥བ༡ལས། དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ། ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ། །ཞེས་གསུངས་པ་ལྟར་རོ། །