5093

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་མཆོག་གི་རྒྱུད་འགྲེལ་རྒྱ་གཞུང
Tibetan Definition (གསང་སྔགས) བདེ་མཆོག་གི་སྐོར་ལ་རྩ་རྒྱུད་ཀྱི་རྒྱ་འགྲེལ་ཇི་ཙམ་ཡོད་པ་ནི། ༡ ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་རྩ་རྒྱུད་ཀྱི་སྟོད་འགྲེལ། ༢ སློབ་དཔོན་ལང་ཀ་རྒྱལ་བ་བཟང་པོས་མཛད་པའི་དཀའ་འགྲེལ། ༣ སློབ་དཔོན་སྐལ་ལྡན་གྲགས་པས་མཛད་པའི་དཀའ་འགྲེལ་དཔའ་བོ་ཡིད་འོང༌། ༤ སློབ་དཔོན་སྐར་རྒྱལ་ཟླ་བས་མཛད་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས། ༥ སློབ་དཔོན་ལྷ་སྦས་ཀྱིས་མཛད་པའི་སྒྲུབ་ཐབས་གནས་པའི་མན་ངག་ཐམས་ཅད་རྒྱ་ཆེར་བཤད་པ། ༦ ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་གཉིས་ཀའི་བཤད་སྦྱར། ༧ སློབ་དཔོན་ལྭ་བ་པས་མཛད་པའི་འགྲེལ་པ་སྒྲུབ་ཐབས་གླེང་གཞི། ༨ སློབ་དཔོན་སུ་མ་ཏི་ཀིརྟིས་མཛད་པའི་སྡོམ་པ་འབྱུང་བའི་རྒྱུད་ཉུང་ངུའི་མཚམས་སྦྱོར། ༩ སློབ་དཔོན་བྷ་ཝ་བྷ་དྲས་མཛད་པའི་འཁོར་ལོ་སྡོམ་པའི་དཀའ་འགྲེལ། ༡༠ སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་འཁོར་ལོ་སྡོམ་པའི་རྣམ་འགྲེལ་ཡོན་ཏན་ཐམས་ཅད་གནས་པ། ༡༡ སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པ་དང་བཅས་བདེ་མཆོག་རྩ་རྒྱུད་ཀྱི་རྒྱ་འགྲེལ་བཅུ་གཅིག་ཡོད། གོང་དུ་བཤད་པ་དེ་དག་ནི་རྩ་རྒྱུད་ཀྱི་འགྲེལ་པ་ཡིན་ལ་སྤྱིར་བདེ་མཆོག་གི་རྒྱ་གཞུང་ནི་ཆེས་མང་པོ་ཡོད་པ་བུ་སྟོན་ཆོས་འབྱུང་དུ་གསལ་བ་ལྟར་རོ། །