From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀ་ལནྟ་ཀ
|
Tibetan Definition
|
(འདུལ་བ) (ལེགས་སྦྱར) 1 བྱིའུ་ཆུང་ཆུང་ཞིག་གི་མིང་། འདུལ་བ་གཞི་རྒྱ་ཆེར་བཤད་པ་ལས། ཀ་ལནྟ་ཀའི་གནས་ཞེས་བྱ་བ་ནི། ཀ་ལནྟ་ཀ་ (མ་དཔེར་ཀ་ལན་ད་ཀ་ཞེས་བྲིས་སྣང་བས་ད་དུང་ཡང་དཔྱད་དོ) ཞེས་བྱ་བ་སྲོག་ཆགས་ཕྲ་མོ་དག་གི་གནས་ན་སྟེ། ཞེས་དང་། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༢༢ན༦ལས། བྱ་ཀ་ལན་ད་ཀའི་གནས་ཞེས་བྱ་བ་ནི་བྱ་བོང་ཆུང་ངུ་དག་གི་གནས་སོ། །ཞེས་གསུངས་སོ། ། 2 ནེའུ་ལེ་ཡིན་པར་བཤད། སྲེ་མོང་ཡང་ཟེར། འདི་ལ་ལེགས་སྦྱར་དུ་ན་ཀུ་ལཿ Nakula དང་། རྒྱ་གར་ཡུལ་སྐད་དུ་ནེབ་ལཱ Nevlã དང་། བོད་སྐད་དུ་སྲེ་མོང་། བོད་སྐད་དུ་ནེའུ་ལེ་ཞེས་ཀྱང་འབོད། ན་ཀུ་ལཿཟུར་ཆག་ཅེས་ལི་ཤིའི་གུར་ཁང་དུ་གསལ་ཡང་། འདི་ནི་རྒྱ་གར་ཕལ་སྐད་ཀྱི་नेवलाནེ་བ་ལཱ་ཉིད་ཟུར་ཆག་པར་ཤིན་ཏུ་གསལ་ལོ། །ཕྱི་རྒྱལ་བས་ Mongoose ཟེར། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། ཀ་ལནྟ་ཀ་ནི་འདུལ་བའི་ཚིག་མང་པོར་སྲོག་ཆགས་ཀ་ལནྟ་ཀ་ཞེས་བསྒྱུར་ཅིང་སྲོག་ཆགས་ནི་བོད་རང་སྐད་འཆར་པར་དུད་འགྲོ་རྐང་བཞི་པའི་མིང་ཙམ་ཡིན་ལ། འོན་ཀྱང་སྐབས་འགར་ཀ་ལནྟ་ཀ་ཞེས་བྲིས་མོད། སྲེ་མོང་རང་དུ་འདུག འདིས་ཚང་ཤིང་རྩེ་ལ་བྱེད་པས་བྱར་འཁྲུལ་སྙམ་ཡོད། རྒྱ་ནག་ལའང་འདི་བྱ་ཞིག་གི་མིང་དུ་བྱས་ཡོད་ཟེར། རྒྱབ་གཞུང་དུ་གར་ཤ་ཡོད་པ་སཱི་ཏཱ་སྲིན་པོས་ཁྲིད་པའི་ཚེ་འདིས་སེམས་གསོ་བཏང་བས་རཱ་མས་ལག་པས་ཞུལ་ཞུལ་བྱས་པའི་ཤུལ་ཡིན་སོགས་ཟེར། འདིའི་མིང་ལ་མངོན་བརྗོད་དུ་རྒྱབ་ཁྲ་ཟེར་བ་དེ་ལ་བྱེད་པ་ཡིན་འདུག སྦྲུལ་མཐོང་ན་སྐད་འབྱིན་པ་ཡང་ཡོངས་གྲགས་ཡིན། འོད་མའི་ཚལ་གྱི་ཤུལ་ན་ཤིན་ཏུ་མང་བ་སྙམ་བྱེད།
|