510

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁེངས་པ
Tibetan Definition <སྟཾ་བྷ> 1 (མིང་ཚིག) ང་རྒྱལ་གྱི་མིང་། ཞིབ་ཏུ་བཤད་ན། གཞན་ལ་མི་འདུད་པའི་སེམས་དཔང་མཐོ་བ་ལ་ཟེར། དབུ་མ་རིན་ཆེན་ཕྲེང་བ་༡༢༢ན༥ལས། ཁེངས་པ་འདུད་པར་མི་བྱེད་པ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། དཔེར་ན་གྲང་ངར་གྱིས་འཁེངས་པའམ་རེངས་པའི་དངོས་པོ་རྣམས་མི་གུག་པའམ་མི་དུད་པ་ལྟར། སེམས་ཁེངས་པའམ་རེངས་པའི་གང་ཟག་དེ་གཞན་ལ་མི་འདུད་ཅིང་མི་གུས་པས་དེ་ལྟར་དུ་བཏགས་སོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་ལས། ཁེངས་པ་ནི་རེངས་པའོ། །ཞེས་གསུངས་སོ། །དབུ་མ་རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༡༣༤ན༢ལས། ཁེངས་པ་ནི་གྱོང་ཞིང་འགྱིང་བ་སྟེ་བརྗིད་འཆོས་པའི་ང་རྒྱལ་གྱིས་ཟིན་པའོ། །ཞེས་གསུངས་སོ། །ཁེངས་པའམ་རེངས་པའི་སྐད་དོད་སྟཾ་བྷ་ཞེས་པ་བྱེ་རྟོགས་༡༠༤བ༢ན་གསལ། ཡང་རྗེ་ཙོང་ཁ་པ་ཆེན་པོས་ལམ་རིམ་ཆེན་མོར། ཁེངས་པའི་དོན་མཐོ་བ་ལ་གསུངས་ཏེ། དེ་ཉིད་ལས། ང་རྒྱལ་ནི། འཇིག་ལྟ་ལ་བརྟེན་ཏེ་ཕྱིའམ་ནང་གི་མཐོ་དམན་དང་བཟང་ངན་ལ་དམིགས་ནས་སེམས་ཁེངས་པ་སྟེ། མཐོ་བའི་རྣམ་པ་ཅན་དུ་འཇུག་པའོ། །ཞེས་གསུངས་སོ། །  2 (བྱ་ཚིག) རེངས་པ། འཁྱགས་ནས་མཁྲེག་པོ་ཆགས་པའི་དོན་ལའང་འཇུག ཁེངས་པ་ཞེས་པའི་ཚིག་འདི། འཁེང་བ། འཁེངས་པ། འཁེང་བ་ཞེས་པའི་ཚིག་འདི་དག་དང་འབྲེལ་བ་ཡོད།  3 (བྱ་ཚིག) གང་བའི་དོན། ཁང་པ་ཆུས་ཁེངས་པ་ལྟ་བུ། ཁེང་བ། ཁེངས་པ། ཁེང་བ།