511

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁེངས་བསྐྱུང་བ
Tibetan Definition ང་རྒྱལ་སྤོང་བ། ང་རྒྱལ་ཆུང་དུ་གཏོང་བ། ང་རྒྱལ་མགོ་གནོན་པའམ་ཉམས་སྨད་པར་བྱེད་པའི་དོན། སྒྲ་བཤད་ནི། ཁེངས་ནི་ཁེངས་པ་སྟེ་ང་རྒྱལ། བསྐྱུང་བ་ནི་སྤོང་བའི་དོན་ཏེ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། འཁོར་བསྐྱུངས་ཞེས་བྱ་བ་ནི་འཁོར་སྤངས་པ་སྟེ། གཅིག་པུ་ཞེས་བྱ་བའི་བར་དུའོ། །ཞེས་གསུངས། ཡང་ན། བསྐྱུང་བ་ནི། མགོ་གནོན་པའམ་ཉམས་སྨད་པའི་དོན་ཡིན་ཏེ། རྗེ་གུང་ཐང་པའི་གསུང་ཟིན་བྲིས་ན་བསྐྱུང་བ་ནི་མགོ་གནོན་པའམ་ཉམས་སྨད་པའི་དོན་ཡིན་པར་གསུངས་སོ། །