512

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁོ་ཐག་ཆོད་པ
Tibetan Definition 1 རེ་ཐག་ཆོད་པ། སེམས་ཐག་ཆོད་པ། ཐག་ཆོད་པ། རེ་བ་མེད་པ་བཅས་ཀྱི་དོན།ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལས། ངང་པ་འདམ་ལ་ཆགས་ནས། །རེ་ཞིག་སྡོད་དགོས་བསམས་ཀྱང་། །མཚོ་མོ་དར་ཁ་འགྲིགས་ནས། །རང་སེམས་ཁོ་ཐག་ཆོད་སོང་། །ཞེས་པ་ལྟ་བུ། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་ལས། བུད་མེད་སེར་སྐྱ་མོ་ཞེས་བྱ་བ་ཞིག་ནམ་སྟོད་ལ་སྐྱེས་པ་འོང་དུ་རེ་ནས་སྡུག་བསྔལ་ལ། ནམ་སྨད་ལ་མི་འོང་བར་ཤེས་པས་ཁོ་ཐག་ཆོད་དེ་བདེ་བར་གཉིད་ལོག་པ་ལྟར་འདོད་པ་ལ་རེ་བ་ནི་སྡུག་བསྔལ་གྱི་རྩ་བ་ཡིན་ལ་རེ་བ་མེད་པ་ནི་བདེ་བ་དམ་པའོ། །ཞེས་གསུངས་པ་ལྟར་རོ། །