5127

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བབ་བབ་ཏུ
Tibetan Definition འཕྲལ་འཕྲལ་དུ། གློ་བུར་གློ་བུར་དུ། འཕྲལ་དུ། གློ་བུར་དུ། མ་བསམ་པར་གློ་བུར་དུ། བབ་ནི་གློ་བུར་གྱི་དོན་ཡིན་པར་སྣང་བས། གློ་བུར་གློ་བུར་དུ་ཞེས་པའི་དོན་ནོ། །དཔེར་ན་བབ་ཅོལ་ཞེས་པ་ལྟ་བུས་མཚོན་ནོ། །ཆར་པ་འབབ་ཅེས་པའམ། ཆར་པ་བབ་ལྟ་བུ་ལ་གློ་བུར་གྱི་དོན་ཚང་བའི་ཕྱིར་རོ། །བབ་བབ་ཅེས་པ་དང་དོན་གཅིག ལུང་ཞུ་བ་༼ པ ༽༣༠༨ན༣ ལས། བཤང་བའི་བྱ་གང་ཞེ་ན། དགེ་སློང་གིས་བབ་བབ་ཏུ་བཤང་བར་མི་བྱ། རྩིག་པའི་དྲུང་དུ་མ་ཡིན། ཤིང་གི་དྲུང་དུ་མ་ཡིན། ཤེས་བཞིན་དུ་ཕྱོགས་གཅིག་ཏུ་བཤང་བར་བྱའོ། །དེ་སྟེ་ཕྱི་ཕྱིར་བཤང་པ་ཞིག་ཏུ་གྱུར་ན་བཤང་བའི་གྱོ་མོ་དྲུང་དུ་གཞག་པར་བྱ། ཞེས་གསུངས་པ་ལྟར་རོ། །ལི་ཤིའི་གུར་ཁང་ལས། མ་བསམ་པར་སྨྲ་བའམ་འཕྲལ་མ། ཞེས་གསུངས།