5142

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཙུན་པ
Tibetan Definition <བནྡེ> (འདུལ་བ) 1 (མིང) གྲྭ་པའི་ཞེ་ས། ལེགས་སྦྱར་གྱི་སྐད་དུ་བནྡེ་ཞེས་པ་དེའོ། །2 (ཁྱད་ཚིག) འཆལ་སྤྱོད་ཀྱིས་མ་གོས་པ། ཚུལ་ཁྲིམས་དང་ལྡན་པ། བཙུན་པོ་དང་དོན་གཅིག དཔེར་ན་ཡུམ་དེ་ཡང་བུད་མེད་གཡོ་སྒྱུ་མེད་པ། བཙུན་པ། གཟུགས་བཟང་བ། མི་ཁྲོ་བ། བྱམས་སྙིང་རྗེ་ཆེ་བ་ཞེས་པ་ལྟ་བུ། 3 (མིང) རང་ལས་བསླབ་པ་རྒན་པ་ལ་འབོད་པའི་འདུལ་བའི་ཉེ་ཚིག་ཅིག བནྡེའི་ངེས་ཚིག་ནི། མཆོད་པ་དང་ཕྱག་འཚལ་བའི་གནས་ཡིན་པས་དེ་སྐད་ཅེས་བྱའོ། །4 (ཁྱད་ཚིག) སྤུས་དག་པ། དག་པ། རྣམ་དག རྣམ་པར་དག་པ། བཟང་བ་བཅས་ཀྱི་དོན། དཔེར་ན་ཁུངས་དག་པ་ལ་ཁུངས་བཙུན་པ་ཞེས་པ་དང་། རིགས་བཟང་བ་ལ་རིགས་བཙུན་པ་ཞེས་པ་ལྟ་བུའོ། །