5148

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཛྲ་དྷྲིཀ
Tibetan Definition (ལེགས་སྦྱར) མི་བསྐྱོད་པ། ངེས་ཚིག་ནི། བཛྲ་ནི་རྡོ་རྗེ། དྷྲིཀ་ནི་འཛིན་པའམ་འཆང་བའི་དོན་ནོ། །འོ་ན་མི་བསྐྱོད་པ་ཡིན་ན་རྡོ་རྗེ་འཆང་དུ་ཇི་ལྟར་རིགས་སྙམ་ན། སྐྱོན་མེད་དེ། དེ་ལ་བཛྲ་དྷྲིཀའམ་རྡོ་རྗེ་འཆང་ཞེས་པ་ནི་སྒྲ་བཤད་པའི་རྒྱུ་མཚན་ཡོད་པ་ཙམ་ཡིན་གྱི། རིགས་དྲུག་པ་རྡོ་རྗེ་འཆང་ནི་མིན་ནོ། །དཔེར་ན་ མཚོ་ནང་གི་སྦལ་པ་ལ་མཚོ་སྐྱེས་ཀྱི་སྒྲ་བཤད་པའི་རྒྱུ་མཚན་ཡོད་ཀྱང་མཚོ་སྐྱེས་མིན་པ་བཞིན་ནོ། །ཞེས་རྗེའི་རྣམ་གཞག་རིམ་པའི་རྣམ་བཤད་དང༌། འགྲེལ་པ་བཞི་སྦྲགས་ན་གསལ། སྐུ་མདོག་སྔོན་པོ། ཞལ་གསུམ། རྩ་ཞལ་ནག་པོ། (གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ) ཕྱག་དྲུག་པ། ཡུམ་དང་བཅས་པ་ཞིག་གོ། སྒྲ་བཤད་ནི། ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་ཕྱག་མཚན་དུ་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ། དྲང་དོན་གྱི་བཤད་པའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཟུང་འཇུག་གི་རྡོ་རྗེའི་ཡེ་ཤེས་རང་གི་ངོ་བོ་ཉིད་དུ་འཛིན་པར་མཛད་པས་རྡོ་རྗེ་འཆང་སྟེ། ངེས་དོན་ནོ། །ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ལྟར་རོ། །