5153

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཞམས་ཏེ་བསྒོ་བ
Tibetan Definition (འདུལ་བ) 1 བཟློག་པ་ལྔའི་ཡ་གྱལ་ཞིག་སྟེ། ཁྱོད་ཀྱིས་བྱ་བ་མ་ཡིན་པ་འདི་མ་བྱེད་ཅིག་ཅེས་ཚིག་འཇམ་པོའི་སྒོ་ནས་བསླབ་བྱ་བརྒྱབ་སྟེ་བྱ་བ་དེ་ལས་དངོས་སུ་ཟློག་པར་བྱེད་པ་ལ་ཟེར། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༠༥ན༤ ལས། བཞགས་ཏེ་ཞེས་བྱ་བ་ནི་ཚིག་འཇམ་པོས་ཏེ་སྡུམས་པར་བྱེད་པའི་ཕྱིར་རོ། །བསྒོ་བ་ཞེས་བྱ་བ་ནི་གོ་བར་བྱེད་པ་སྟེ་བཟློག་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས། མཚོ་ཊཱིཀ་ལས་ཀྱང་། བཞམས་ཏེ་བསྒོ་བ་ནི་ཚིག་འཇམ་པོའི་སྒོ་ནས་གྲོས་གདབ་པ་སྟེ། ཁྱོད་ཀྱིས་བྱ་བ་མ་ཡིན་པ་འདི་མ་བྱེད་ཅིག་ཅེས་དངོས་སུ་བཟློག་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཊཱིཀྐ་ལས་ཀྱང་། བཞམས་ཏེ་བསྒོ་བ་ཞེས་བྱ་བ་ནི། འདིར་དགེ་འདུན་དུ་མ་གྱུར་པའི་དགེ་སློང༌ཚངས་པར་མཚུངས་པར་སྤྱོད་པ་གཅུགས་པས་ཕན་ཚུན་ཟློག་པར་བྱེད་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །སྒྲ་བཤད་ནི། བཞམས་ནི་འཇམ་པོའི་དོན་དང་། བསྒོ་བ་ནི་གོ་བར་བྱེད་པ་སྟེ་བསླབ་བྱ་རྒྱག་པའི་དོན་ནོ། །བཞམས་དང་འཇམ་གཉིས་དལ་བུས་མཉན་ན་སྒྲ་གདངས་ཧ་ཅང་འདྲ་པོ་དང་ཉེ་པོ་ཡོད་པ་དེས་ཀྱང་དེ་གཉིས་དོན་གཅིག་ཡིན་པ་ཤེས་ནུས་སོ། །2 དྲན་བསྐུལ་གྱི་མིང་དུའང་བཤད། པཎ་ཆེན་ཤཱཀ་མཆོག་པས། བཞམས་བསྒོ་ཞེས་པ་དྲན་བསྐུལ་གྱི། །མིང་ཡིན་བཞིབ་པ་འཇིབ་པའི་མིང་། །ཞེས་དང་། དབྱངས་ཅན་དགའ་བློས་ཀྱང་དེ་བཞིན་དུ་གསུངས་སོ། །ཤཱཀ་མཆོག་པ་དང་དབྱངས་ཅན་དགའ་བློའི་འགྲེལ་བཤད་དེ་དོན་ཐོག་ཏུ་ཁེལ་མིན་དཔྱད་པར་འོས་སོ། །