5158

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ
Tibetan Definition བཞི་པ་ནི་སད་རྨི་གཉིད་མཐུག་གསུམ་གྱི་བཞི་པ་ཡིན་པས། ཁམས་ནོར་བུའི་རྩེ་ནས་འབབ་པའི་ཚེ་ལྷན་སྐྱེས་ཀྱི་བདེ་བ་དེ་ལ་བཞི་པའི་གནས་སྐབས་ཟེར། ལུས་ཀྱི་སྟོད་རླུང་རགས་པ་ཐམས་ཅད་ལྟེ་བར་གནས་ཚེ་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ། སྙིང་གར་གནས་ཚེ་གཉིད་མཐུག་གི་ཐིག་ལེ། མགྲིན་པར་གནས་ཚེ་རྨི་ལམ་གྱི་ཐིག་ལེ། དཔྲལ་བར་གནས་ཚེ་སད་པའི་ཐིག་ལེ། སྨད་རླུང་རགས་པ་རྣམས་ལྟེ་བར་གནས་ཚེ་སད་པའི་ཐིག་ལེ། གསང་གནས་ཀྱི་རྩ་བར་སླེབས་པའི་ཚེ་རྨི་ལམ་གྱི་ཐིག་ལེ། ནོར་བུའི་དབུས་སུ་སླེབས་ཚེ་གཉིད་མཐུག་གི་ཐིག་ལེ། ལུས་ཀྱི་རླུང་དང་ཁམས་མཉམ་དུ་གསང་གནས་ཀྱི་ནོར་བུའི་རྩེར་སླེབས་པ་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་ཡོད་གསུངས་སོ། །