5183

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟང་སྤྱོད་ཊཱིཀྐ
Tibetan Definition འཕགས་པ་བཟང་པོ་སྤྱོད་པའི་མདོའི་ཊཱིཀྐ་སྟེ་འགྲེལ་པ་ལ། རྒྱ་གར་མཁས་པའི་ཊཱིཀྐ་མི་འདྲ་བ་ལྔ་སྟེ། ༡ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤད་སྦྱར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྡེ་དགེ་བསྟན་འགྱུར་༼ ཉི ༽༡༦༣བ་ན་བཞུགས་སོ། །༢ ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ༣ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། ༤ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་རྒྱན་བཟང་པོས་མཛད་པ། ༥ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྣམས་སོ། །སྡེ་དགེ་དང་སྣར་ཐང་སྤར་མའི་བསྟན་འགྱུར་མདོ་༼ ཉི་པའི ༽ནང་བཞུགས། བོད་འགྲེལ་འགའ་ཞིག་བརྗོད་ན། ལོ་ཙཱ་བ་ཡེ་ཤེས་སྡེའི་བཟང་སྤྱོད་ཊཱིཀྐ། གཙང་ཆུང་ཆོས་གྲགས་རྒྱ་མཚོའི་བཟང་སྤྱོད་ཊཱིཀྐ། ལྕང་སྐྱ་རོལ་པའི་རྡོ་རྗེའི་བཟང་སྤྱོད་ཊཱིཀྐ། ཇོ་ནང་ཏཱ་ར་ནཱ་ཐའི་བཟང་སྤྱོད་ཊཱིཀྐ། མཁན་ཆེན་ཆོས་འཕེལ་རྒྱ་མཚོའི་བཟང་སྤྱོད་ཊཱིཀྐ། ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་བཟང་སྤྱོད་ཊཱིཀ འཇམ་དབྱངས་མཁྱེན་བརྩེའི་སློབ་མ་གྲགས་པ་རྒྱལ་མཚན་གྱི་བཟང་སྤྱོད་ཊཱིཀྐ། ངེད་སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ་ཀྱི་ བཟང་སྤྱོད་ཊཱིཀྐ་སོགས་སོ། །